མཚོ་སྔོན་ཡུལ་ཤུལ་གྱིས་ས་ཁུལ་ཁག་བར་མཉམ་ལས་ཀྱི་འབྲེལ་ཟམ་བཞེངས་པ།དར་དམར་སེམས་ཀྱིས་ཏང་ལ་བསྟོད་པ།མུ་ལན་སླ
སྤྱི་ཟླ་༨ཚེས་༢ཉིན་ཡུལ་ཤུལ་ཁུལ་ཨུད་དང་ཁུལ་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་བུད་མེད་ཁེ་ལས་པ་རྣམས་ཀྱི་རང་འགུལ་ཡུལ་སྐོར་ལས་འགུལ་༼འཛམ་གླིང་གི་སྐྱེས་པ་ཆེན་མོ་རྣམས་ཏང་ལ་དགའ་ཞེན་བྱེད་པ།མུ་ལན་རྒྱལ་མོས་རྒྱ་བོད་གནའ་ལམ་ས

སྤྱི་ཟླ་༨ཚེས་༢ཉིན་ཡུལ་ཤུལ་ཁུལ་ཨུད་དང་ཁུལ་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་“དཔའ་མོའི་སེམས་ནི་ཏང་ལ་ཕྱོགས་པ་ཡིན།མུ་ལན་རྒྱལ་མོའི་རྣམ་ཐར་འཚོལ་བ།རྒྱ་བོད་གནའ་ལམ་སླར་བསྐྱོད་”ཅེས་པའི་བུད་མེད་ཁེ་ལས་པ་རྣམས་ཀྱི་རང་འགུལ་ཡུལ་སྐོར་བྱེད་སྒོ་དེ་ལྷ་སར་ཡོངས་འགྲུབ་བྱུང་།

མཚོ་སྔོན་ཡུལ་ཤུལ་ནས་འགོ་བཙུགས་པའི་ས་ཁུལ་ཁག་བརྒལ་བའི་འགྲུལ་བཞུད་དེས་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་སྤྱི་ལེ་ཆིག་སྟོང་ལྷག་གི་ཐང་བོད་གནའ་ལམ་དེ་དག་ལས་ཁུངས་ཕན་ཚུན་འཚམས་འདྲི་དང་།རིག་གནས་འབྱུང་ཁུངས་སུ་བསྐྱོད་པ།སྐྱེ་ཁམས་ལག་ལེན་སོགས་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་ཅང་སུའུ་དང་ཀན་སུའུ།མཚོ་སྔོན།བོད་ལྗོངས་བཅས་ཀྱི་བུད་མེད་ཁེ་ལས་མཁས་ཅན་རྣམས་ཀྱིས་རིག་གནས་བཟང་པོའི་རྒྱལ་མོའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འཕེལ་རྒྱས་ཀྱི་མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཡུལ་ཤུལ་ནི་ཐང་བོད་གནའ་ལམ་རིག་གནས་ཀྱི་ལྟེ་གནས་ཤིག་ཡིན་པའི་དེང་གི་རིན་ཐང་དང་ཞིང་ཆེན་ནང་དང་ཕྱི་རོལ་གྱི་བུད་མེད་ཁེ་ལས་མཁས་ཅན་གྱི་དུས་རབས་ཀྱི་གཟི་བརྗིད་གསལ་བར་བསྟན་ཡོད།

此次行程自7月29日启动,首站便聚焦玉树抗震救灾纪念馆,女企业家们在抗震救灾精神中感悟高原女性的坚韧力量。

ཡུལ་ཤུལ་གྲོང་ཁྱེར་གྱི་མོ་རྫི་གོང་འཕེལ་དང་རྗེ་རྒྱལ་རིག་གནས་སོགས་ས་གནས་ཁེ་ལས་ལ་རྟོག་ཞིབ་བྱེད་སྐབས་བོད་རྩེད་ལས་སྒྲུབ་ཁང་གིས་འབྲོག་པ་ལས་ཞུགས་དང་ཕྱིང་བའི་བཟོ་རྩལ་རིག་གནས་ཐོན་རྫས་སུ་བསྒྱུར་བའི་ལག་ལེན་ལ་ཀན་སུའུ་ཞིང་ཆེན་གྱི་བུད་མེད་ཁེ་ལས་མཁས་ཅན་ཤན་ཕིང་གིས་༼མཚོན་རྩེ་རེ་རེའི་ཁྲོད་དུ་ཕ་ཡུལ་ལ་དགའ་བའི་སེམས་ཤིག་སྦྱར་ཡོད་པ་༽ཞེས་བསྟོད་པ་བྱས།གནའ་ལམ་བརྒྱུད་ནས་མི་རྣམས་ཡུལ་ཤུལ་ཝུན་ཆེན་རྒྱལ་མོའི་དྲན་གསོ་ཁང་དུ་ལོ་རྒྱུས་ཀྱི་དབང་གི་འཕྲོ་སྣང་ལ་རེག་ཞིང་།ནང་ཆེན་རྫོང་དང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་བུད་མེད་ཁེ་ལས་མཁས་ཅན་གྱི་ལས་གཏོད་དཔེ་སྟོན་ས་ཚིགས་ལ་ལྟ་སྐོར་བྱས་པ་དང་།ནག་ཆུ་རྩྭ་ཐང་དུ་སྐྱེ་ཁམས་སྲུང་སྐྱོང་གི་ལག་ལེན་སྤེལ་བ་དང་།ལྷ་སར་བོད་ཀྱི་བུད་མེད་ཁེ་ལས་མཁས་ཅན་དང་མཉམ་དུ་ཤུལ་བཞག་ཐོན་ལས་མཉམ་ལས་ཀྱི་བྱ་བ་བསྡུས།

འགྲུལ་བཞུད་སྐབས་མཚོ་སྔོན་ཞིང་ཆེན་བུད་མེད་ཁེ་ལས་མཐུན་ཚོགས་ཀྱིས་ཡུས་ཧྲུའུ་ཞ་ཏུའུ་སློབ་ཆུང་ལ་ལུས་རྩལ་སྒྲིག་ཆས་ཞལ་འདེབས་བརྒྱབ་པ་ཙམ་མ་ཡིན་པར།

“ཡུལ་ཤུལ་གྱི་འཕྲེད་གཙང་བོ་ནས་ལྷ་སའི་པོ་ཏ་ལར་ཐང་བོད་གནའ་ལམ་གྱི་ལོ་ངོ་སྟོང་གི་གྲོགས་པོའི་བརྩེ་སེམས་དེ་དུས་རབས་གསར་པའི་བུད་མེད་ཚོའི་ལག་ཏུ་རྒྱུན་འཁྱོངས་བྱེད་བཞིན་ཡོད།”གཙོ་གཉེར་བྱེད་མཁན་གྱིས་བྱེད་སྒོ་དེ་ཡུལ་ཤུལ་གྱི་ལྟེ་གནས་སུ་བྱས་ནས་ཕྱི་ཕྱོགས་ལ་མཚོ་སྔོན་གྱི་བུད་མེད་ཚོ་ས་མཐོའི་སར་རྩ་འཛུགས་བྱས་པའི་ལས་གཏོད་ཀྱི་བློ་གྲོས་མཐོང་དུ་བཅུག་པ་མ་ཟད།ཞིང་ཆེན་ནང་དང་ཕྱི་རོལ་གྱི་ཐོན་ལས་མཉམ་ལས་ཀྱི་སྲ་ཞིང་བརྟན་པའི་སྟེགས་བུ་བསྐྲུན་པ་རེད།ཡུལ་ཤུལ་གྱི་རྒྱལ་གཅེས་རིག་གནས་སྤྱི་གཉེར་ཁང་གི་སྤྱི་གཉེར་སྤྱི་ཁྱབ་བསོད་ནམས་རྒྱལ་གཅེས་ཀྱིས་བཤད་པ་ལྟར་ན།ཐང་བོད་གནའ་ལམ་ལ་ཡང་བསྐྱར་འགྲོ་བ་བརྒྱུད་ས་གནས་དེ་གའི་ཁེ་ལས་ཀྱིས་ཞིང་ཆེན་ཕྱི་རོལ་གྱི་ཁྲོམ་རའི་ཐོན་ཁུངས་དང་འབྲེལ་མཐུད་བྱས་པ་མ་ཟད།ལོ་སྟོང་གོང་གི་རྒྱལ་སྲས་ཀུན་བཟང་གིས་རི་ཆུ་ཁྲག་ཁྲིག་བརྒལ་ནས་རིག་གནས་ཀྱི་འབྲེལ་འདྲིས་ལ་སྐུལ་འདེད་བཏང་བའི་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དེ་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་གསར་གཏོད་ཀྱི་ལག་ལེན་དུ་བསྒྱུར་བ་རེད།བུད་མེད་ཚོའི་ཡུལ་སྐོར་དེ་ཉིད་ཀྱིས་མངའ་ཁུལ་མཉམ་འཕེལ་གྱི་རྒྱུད་དང་མཚོ་སྔོན་གྱི་རིག་གནས་ཀྱི་འབྲེལ་ཐག་དང་དཔལ་འབྱོར་གྱི་སྒུལ་ཤུགས་དེ་གསར་གཏོད་བྱེད་པའི་རྣམ་པ་དང་།ཐང་བོད་གནའ་ལམ་གྱི་ལོ་རྒྱུས་རྗེས་ཤུལ་དེ་ཞིང་ཆེན་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་དོན་ཁག་གི་ཁྲོད་དུ་གསོན་ཤུགས་གསར་པ་ཐོན་བཞིན་ཡོད།
①凡本网注明来源:“一周评讯”的所有作品,版权均属于一周评讯,未经一周评讯协议授权不得转载、链接、转帖或以其他方式发表,已经一周评讯授权的媒体、网站,在使用时必须注明来源“一周评讯”。
②如本网转载稿涉及版权等问题,请作者来电或来函与一周评讯联系,我们将及时处理解决。联系方式:xzgxjilin@vip.sina.com
- ·公关策划; “一周评讯”在分秒之间把信息迅速精准的传播出去。当企业需要危机公关时,一周评讯可以几小时内同时在数十家知名媒体上发布公告,以此将企业的损失降至低。
- 新闻资讯发布 通过“一周评讯”新闻通发服务,在网络上做大范围的发布,扩大舆论影响,在提高关注度的同时结合相关产品推广同步进行。
- 活动策划执行; 包含活动主题、活动目的、活动内容、活动执行细节要求与安排、物料需求、人员安排、费用预算、突发状况应对事项。直白点说,就是整个活动在你脑海里已经有一个整体的、完整的内容及过程。
- 网站开发代运营 公众平台第三方开发、APP定制、企业展示型网站建设、营销型网站建设、 网站升级改版、域名注册、商城类网站建设...
